རི་མགོ་གངས་ཀྱིས་གཡོག་སོང་། །
རི་འདབས་འདམ་གྱིས་གཡོས་སོང་། །
རི་ཤོངས་གཉིས་ཀྱི་བར་ནས། །
གཞུང་ལམ་འདམ་ལ་སྦྱར་སོང་། །
སྔ་དྲོར་ཉི་མ་དྲོ་དྲོ། །
ཕྱི་དྲོར་རླུང་བུ་ལྡིང་ལྡིང་། །
ཉིན་ཕྱེད་གཉིས་ཀྱི་བར་ནས། །
ཡུལ་གྱར་གྲང་ལ་སྦྱར་སོང་།།
དགའ་དུས་འཛུམ་དམུལ་ཤིག་ཤིག །
སྐྱོ་དུས་ངར་ངར་ཤིག་ཤིག །
དགའ་སྐྱོ་གཉིས་ཀྱི་བར་ནས། །
མི་གཤིས་རླུང་ལ་སྐུར་སོང་། །
ཕ་བཟང་བུ་ནས།