ཕ་ཡུལ།

རྒྱ་གར་འཕགས་པའི་ཡུལ་དུ།

ལུས་འདི་ཚེ་གཅིག་ལྷག་ཏེ།

ཐར་པའི་ལམ་ཞིག་ཐོབ་ཀྱང་།

དགའ་རྒྱུ་སྐྱིད་རྒྱུ་ཅི་ཡོད།

མཐའ་མ་དབུགས་ཀྱི་རྒྱུ་བ།

གཞན་ཡུལ་ཕྱོགས་ནས་ཆད་འགྲོ

ཕ་ཡུལ་དག་པའི་ཞིང་དུ།

ཤན་པ་ལག་དམར་བྱས་ཏེ།

ཚེ་གཅིག་སྡིག་ལས་བརྩམས་ཀྱང་།

སྡུག་རྒྱུ་ཕམ་རྒྱུ་ཅི་ཡོད།

མཐའ་མ་དབུགས་ཀྱི་རྒྱུ་བ།

རང་ཡུལ་ཕྱོགས་ནས་ཆད་འགྲོ

ཕ་བཟང་བུ།

ཏ་དབང་ཧིན་བོད་ས་མཚམས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༠ ཉིན།

2 thoughts on “ཕ་ཡུལ།

Leave a Reply